མཆིན་པའི་གཉན་ཚད་དང་འབྲེལ་བའི་འཕྲོད་བསྟེན་འོས་འགན་གྱི་བསྡུས་དོན།

​​​​​​​(མཆིན་པའི་གཉན་ཚད་དང་འབྲེལ་བའི་འཕྲོད་བསྟེན་འོས་འགན་) Hepatitis Health Undertaking ཞེས་པ་ག་རེ་ཡིན་ནམ། ​

ཁྱེད་རང་ལ་ཐོངས་མཆན་ཝི་ས་སྤྲོད་དུས། ཁྱེད་རང་གིས་ཨོ་གླིང་གི་གཞུང་ལ་མཆིན་པའི་གཉན་ཚད་ཁ་པ་དང་། ག་པའི་མཇུག་གནོན་བརྟག་དཔྱད་བྱེད་རྒྱུའི་གན་རྒྱ་བཞག་ཡོད་རེད།

འདི་ལ་འཕྲོད་བསྟེན་གྱི་འགན་འྲི་ཟེར།

མཇུག་གནོན་བརྟག་དཔྱད་འདི་ཁྱེད་རང་གི་འཕྲོད་བསྟེན་ལ་གལ་ཆེན་པོ་རེད། ཁྱེད་རང་བདེ་ཐང་ཡིན་རུང་བརྟག་དཔྱད་འདི་བྱེད་དགོས། མཆིན་པའི་གཉན་ཚད་ཁ་པའམ་ག་པ་ཡོད་པའི་མི་མང་པོར་ནད་རྟགས་གང་ཡང་མེད། འོན་ཀྱང་དུས་ཚོད་རིམ་སོང་གིས་ནད་དུག་འདིས་མཆིན་པ་འཕྲོ་བརླག་གཏོང་བ་དང་འབྲས་ནད་བཟོ་སྲིད།
མཆིན་པའི་གཉན་ཚད་ཁ་ྲྀϼདང་ག་པའི་སྐོར་གནས་ཚུལ་རྱས་པ་གཤམ་གསལ་དྲ་རྱ་ནས་ཐོབ་ཐུབ།

རང་ངོས་ནས་ག་རེ་བྱེད་དགོས་སམ།

ཁྱེད་རང་གི་འཕྲོད་བསྟེན་ཆ་རྐྱེན་ཚང་བ་བྱེད་པར་ངེས་ྲྀϽ་གཤམ་གསལ་ལྟར་བྱེད་དགོས།

1) ཟླ་བ་གཅིག་ནང་ཚུན་སྨན་ྲྀϼསུ་རུང་བསྟེན་གཏུགས་ཀྱི་དུས་ཚོད་བཟོ་དགོས

2) ཡི་གེ་འདི་མམ་དུ་འཁྱེར་ནས་སྨན་ྲྀϽ་སྟོན་དགོས

ཁྱེད་རང་གི་སྨན་པས་མཆིན་པའི་གཉན་ཚད་ཁ་པའམ་ག་པ་ཡོད་མེད་བརྟག་དཔྱད་གནང་གི་རེད། སྨན་པས་བརྟག་དཔྱད་ཀྱི་གྲུབ་འབྲས་ཁྱེད་ལ་བཤད་ཀྱི་རེད་ལ། དགོས་གལ་ཡོད་ན་སྨན་བཅོས་དང་གནས་ཚུལ་མཁོ་སྤྲོད་གནང་གི་རེད།

ཁྱེད་རང་གི་སྨན་པས་ Public Health (སྤྱི་དམངས་འཕྲོད་བསྟེན་ལས་ཁུངས་)ལ་ཁྱེད་རང་གི་བརྟག་དཔྱད་བྱས་ཚར་བའི་སྐོར་སྙན་སེང་ཞུ་གི་རེད། སྤྱི་དམངས་འཕྲོད་བསྟེན་ལས་ཁུངས་ཀྱིས་ Department of Home Affairs (ནང་སྲིད་ལས་ཁུངས་)ལ། ཁྱེད་རང་གིས་མཆིན་པའི་གཉན་ཚད་དང་འབྲེལ་བའི་འཕྲོད་བསྟེན་འགན་འཁྲི་བསվུབས་ཚར་སོང་ཞེས་སȨ་སེང་ཞུ་གི་རེད།

རོགས་རམ་ཐོབ་ཐབས།

སྨན་ྲྀϼའཚོལ་ཐབས།

སྨན་པ་འཚོལ་རྒྱུའི་ཐད་རོགས་རམ་དགོས་ན། འཕྲོད་བསྟེན་ཞབས་ཞུ་འཚོལ་སའི་དྲ་རྒྱ་འདི་ལ་ Health Direct Service Finder སོང་ནས་སྤྱི་ཁྱབ་སྨན་པ་ (GP)འཚོལ་བའམ། ཨང་གྲངས་1800 022 222 འདི་ལ་ཁ་པར་ཐོངས།

སྐད་སྱུར་རོགས་རམ།

སྐད་སྒྱུར་དགོས་ན་ཨང་གྲངས་ 131 450 ལ་ཁ་པར་གཏོང་བའམ། གཤམ་གསལ་ཡིག་སྱུར་དང་སྐད་སվུར་ཞབས་ཞུའི་དྲ་རվར་ཕེབས

ཐོངས་མཆན་དང་འབྲེལ་བའི་རོགས་རམ།

ཁྱེད་རང་གི་ཐོངས་མཆན་ནམ་གཞིས་སྤོའི་དོན་གནད་ཐད་དྲི་བ་ཡོད་ཚེ། ནང་སྲིད་ལྷན་ཁངལ་འབྲེལ་གཏུགས་གནང་།



Current as at: Friday 4 April 2025
Contact page owner: Specialist Programs